[377B] ཨཱརྱ་ཀིཥྞཱ་ཡ་ཨཽ་ཥྛ། བོད་སྐད་དུ། འཕགས་པ་ལྕགས་མཆུ་ནག་པོ། སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ [378A]༄༅། །གཅིག་ན། བཅོམ་ལྡན་འདས་འདམ་བུའི་ཁྲོད་ན་གཟིངས་པའི་འདུག་གནས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་ བཀའ་སྩལ་པ། ཀུན་དགའ་བོ། འཛམ་བུའི་གླིང་གི་གནས་དེར་འདོང་ངོ། །བཙུན་པ། དེ་ལྟར་བགྱིའོ། །ཞེས་གསོལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་ མཉན་ཏོ། །དེ་ནས་བཅོམ་ལྡན་འདས་འཛམ་བུའི་གླིང་གི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་ཕྱིར་ཀླུའི་རྒྱལ་པོ་མ་དྲོས་བ་དང་རྒྱ་མཚོ་དང། དགའ་བོ་དང། འཇོག་པོ་དང་ མཐའ་ཡས་དང། དུང་སྐྱོང་དང། གཟི་ཅན་དང། ཨེ་ལའི་འདབ་མ་དང། མདོང་ས་བུ་དང། ཀླུའི་རྒྱལ་པོ་གློག་འབྱིན་དང། ཀླུའི་རྒྱལ་པོ་ཆུ་ལྷ་དང། ཀླུའི་རྒྱལ་པོ་སྤྲིན་བསྐུལ་དང་ ཀླུའི་རྒྱལ་པོ་མགོ་དགུ་པ་དང། ཀླུའི་རྒྱལ་པོ་མགོ་བདུན་པ་དང་ཀླུའི་རྒྱལ་པོ་མགོ་ལྔ་པ་དང། མགོ་དྲུག་པ་དང། མགོ་གསུམ་པ་དང། མགོ་གཉིས་པ་དང། མགོ་སྟོང་པ་རྣམས་ལ་ བཅོམ་ལྡན་འདས་ཀྱིས་གནས་བོར་ཤིག་ཨ་ན་ན་སྟེ། བི་ན་ན་སྟེ། བི་ཤི་ཀི་ཤི། ཨ་གུ་བི་གུ་རེ་རེ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྟཾ་བྷ་ཡ། བྷཉྫ་ཡ། པ་ས་ཤ་རཱི་རཱ་ཎི། མི་ཏྲ་མི་ཏྲ། མ་ཏྲ་མ་ན་ སཱཧཱ། སྔགས་ཚན་དང་བོ་དེས་ཀླུ་རྣམས་འཁྲུགས་ནས་བྲྒྱལོ་།བཅོམ་ལྡན་འདས། མེ་ཏོག་དང། འབྲས་བུ་དང། སྨན་རྣམས་དང་རྩི་ཤིང་དང། མྱུ་གུ་དང། འདབ་མ་དང། མེ་ཏོག་ [378B] །ཆར་ཆུ་དུས་སུ་འབེབས་སོ། །རྩི་ཤིང་དང། ནགས་ཚལ་སྐྱེད་བར་བགྱིད་ལགས་སོ་།འཛམ་བུའི་གླིང་གི་མི་རྣམས་ཀྱི་ལོངས་སྤྱོད་ལ་འཚེ་བར་རྔོ་ མི་ཐོགས་ལགས་སོ། །སེམས་ཅན་རྣམས་ལ་འཚེ་བར་མི་བགྱིད་ལགས་སོ་།གལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་ལས་འདས་ན། བདག་ཅག་ཀླུ་རྣམས་ཀྱི་ལུས་འཁུམས་པར་གྱུར་ཅིག་ གནས་མེད་པར་གྱུར་ཅིག་ལུས་རྩུབ་པར་གྱུར་ཅིག་མཛེ་དང། ཤུ་བ་དང། ཤ་བཀྲ་འབྱུང་བར་གྱུར་ཅིག་མགོ་འགས་པ་དང། སྙིང་འབྲུལ་བར་གྱུར་ཅིག་ཅེས་བྲོ་བོར་རོ། །བཅོམ་ལྡན་ འདས་ལ་མངོན་པར་དད་པའི་འབྱུང་པོ་བརྒྱ་སྟོང་དག་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འོངས་ཏེ། དེ་དག་ཁྱེད་ལ་གནོད་པ་ཆེན་པོ་བྱེད་པར་འགྱུར་དུ་འོང་གི་ནིར་གཙྪ་ཏ། ནིར་གཙྪ་ཏ། ནིར་ གཙྪ་ཏ། མྱུར་དུ་བྱེར་ཅིག་ཁྱེད་ཅག་ལས་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི། ཕུང་བར་གྱུར་ཅིག་གང་དག་བྱམས་པའི་སེམས་དང་ལྡན་ཞིང་ཉེས་པར་མི་འདོད་ལ། སྲུང་ བར་འདོད་པ་དེ་དག་ནི། ཁྱེད་ཅག་གི་ལུས་ལ་འཇུག་པར་གྱིས་ཤིག་།སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ་སུ་མུ་སུ་མུ། སུ་མུ་སུ་མུ། སུ་མུ་རུ། སུ་མུ་རུ་ སུ་མུ་རུ། སུ་མུ་རུ། སུ་སུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མུ་རུ། མི་རི་མི་རི་སཱཧཱ། ལྷ་རྣམས་དང། ཀླུ་རྣམས་དང། ལྷ་མ་ཡིན་རྣམས་དང། གནོད་སྦྱིན་ཕོ་མོ་རྣམས་ཀྱིས། ཇི་ལྟར་ [379A]༄༅། །འདོད་པའི་ཆར་གྱི་རྒྱུན་མྱུར་དུ་འབེབས་སོ། །ཀླུའི་གནས་ཀུན་ནས་ཆང་ཕུལ་དགུ་བླངས་ལ་ཆང་སོ་སོར་བཞག་ལ་ཡུངས་ཀར་གྱིས་བསྔགས་ཅིང་ཆུར་སྩལ་ སྔགས་རྫོགས་པ་དང། ཀླུའི་གནས་སུ་བསྐྱལ་ལོ། །ཆར་ཇི་ལྟར་འདོད་པ་བཞིན་འབབ་པར་འགྱུར་རོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་སེམས་ཅན་རྣམས་ལ་ ཕན་པར་ལྷག་པར་དགོངས་པ་མངའ་བ། བྱམས་པ་ལ་གནས་པ། ཐུགས་རྗེ་དང་ལྡན་པ། དགའ་བ་ལ་གནས་པ། གཏང་སྙོམས་ལ་གནས་པ་གཤེགས་ཤིག་ཀྵི་ཕྲན་ནིར་གྩྪ་ ཏ་སཱཧཱ། ནཱ་ག་ཡུ་ཡུ་སཱཧཱ། སྤྲིན་ལ་བལྟ་ཞིང་ཕྱོགས་བཞིར་ཁ་བལྟས་ལ་ཕྱག་བྱ་ཞིང་ལྔ་བཅུར་བཟླས་ན། ཆར་ངེས་པར་མྱུར་དུ་འབབ་བོ། །ཆར་འབེབས་པའི་ཚེ་ཀླུ་མི་སྲུན་ པའི་གནས་སུ་སོང་ལ་ལུས་སྤོས་ཆུས་བཀྲུས་ལ་ཟས་དཀར་གསུམ་འཚལ་ལ་ཤ་ཆང་སྒོག་བཙོང་སྤང་བར་བྱའོ། །བྱམས་བའི་སེམས་དང་ལྡན་པར་བསམ་ལ་ཁ་ཤར་ཕྱོགས་ སུ་བལྟས་ནས་འཕགས་པ་རྣམས་ལ་གསོལ་བ་གདབ་བོ། །རི་བུ་རི་བུ། པ་ལ་ཡ་ཐ། ཧཱུཾ་ཧཱུཾ་ཕཊ་ཕཊ། བཛྲ་བཛྲེ་ཛྭ་ལ་ཡ་སཱཧཱ་སརྦ་དུ་ཤང་ན། བི་ར་ན་ཤ་ག་སཱཧཱ། ག་རུ་ཊི་ཧྲི་ཏི་ སཱཧཱ། ཡ་སྟགས་ལ་བླ་རེ་སྔོན་པོས་དབུབ། རྒྱལ་མཚན་སྔོན་པོ་གཟུགས། རིག་སྔགས་འཆང་སྟན་སྔོན་པོ། གོས་སྔོན་པོ། རྐང་པ་ཡང་སྔོན་པོར་བགྲད། ལྷ་བཤོས་སྔོན་པོ་ [379B]།དབུས་སུ་ཀླུའི་རྒྱལ་པོ་རྒྱ་མཚོའི་གཟུགས་དགོད། ཤར་གྱི་པདྨ་ལ་ཀླུའི་རྒྱལ་པོ་མགོ་གསུམ་པ་དགོད། ལྷོ་ཕྱོགས་ཀྱི་པདྨ་ལ་ ཀླུའི་རྒྱལ་པོ་མགོ་བདུན་པ་དགོད། ནུབ་ཕྱོགས་ཀྱི་པདྨ་ལ་ཀླུའི་རྒྱལ་པོ་མགོ་དགུ་པ་དགོད། བྱང་ཕྱོགས་ཀྱི་པདྨ་ལ་ཀླུ་མགོ་ལྔ་པ་དགོད། འཕྲིན་ལས་ཀྱི་གཞུང་ལས་འབྱུང་བ་ཡང་དགོད། ཨོཾ་ ཧི་ཧུ་ལ་ཕཊ་ཕཊ། ཧཱུཾ་བཾ་ཛ་ཡ་ཕཊ་ཕཊ། ནཱ་ག་ལི་ཛྭ་ལ་ཤད་ཤད། ཛྭ་ལི་བི་ཀྲི་ཏ། བཛྲ་བཛྲ་ལ་མཧཱ་བ་ལ་བཱིརྱ་པ་ར་ཀྲོ་དྷ། ད་ར་ཙི། པྲ་མེ་རུ། ཕཊ་ཕཊ་དུ། གཟུངས་འདི་བརྗོད་མ་ཐག་ ཏུ་ས་ཆེན་པོ་རྣམས་གཡོ་བར་འགྱུར་རོ། །ཀླུའི་རྒྱལ་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ཁས་བུབ་ཏུ་འགྱེལ་ནས་རབ་ཏུ་འདར་ཏེ་བརྒྱལ་ནས་འདྲེ་ལྡོག་ཅིང་དུའོ། །དེ་ནས་ཀླུའི་ རྒྱལ་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྨྲེ་ཞིང་སྔགས་འདིས་ཀླུ་རྣམས་ཤིན་ཏུ་ཚིག་གོ་མ་རུངས་ལགས་སོ། །ཞེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུའི་ རྒྱལ་པོ་རྣམས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ལ་ཕན་པ་དང་བདེ་བ་དང། ལོ་ལེགས་པ་དང། སྲུང་བ་དང། བསྐྱབ་པ་དང་ཞིང་རྣམས་ཀྱི་མིག་ཤིན་ཏུ་གང་བར་གྱིས་ཤིག་ ལོ་ཏོག་ཕུན་སུམ་ཚོགས་པ་སྒྲུབས་ཤིག་མི་རྣམས་དང། མི་མ་ཡིན་པ་རྣམས་ལ་རྣམ་པར་འཚེ་བར་མ་བྱེད་ཅིག་ཆར་གྱི་རྒྱུན་ཕོབས་ཤིག་།འོན་ཀྱང་ཁྱེད་ཀྱིས་ཡུན་རིང་པོའི་བདེ་བ་ [380A]༄༅། །དང། ཀླུའི་གནོད་པ་ཀུན་དང་བྲལ་བར་འགྱུར་རོ། །རྐང་མང་ཁྱེད་ཅག་བདེ་ལེགས་ཤོག་རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག་།རྐང་གཉིས་ཁྱེད་ཅག་ བདེ་ལེགས་ཤོག་རྐང་མེད་ཁྱེད་ཅག་བདེ་ལེགས་ཤོག་ཁྱེད་ཅག་ལམ་འགྲོ་བདེ་ལེགས་ཤོག་ཕྱིར་འོང་རྣམས་ཀྱང་བདེ་ལེགས་ཤོག་ཁྱེད་ཅག་སྡིག་པར་མ་གྱུར་ཅིག་སངས་ རྒྱས་ལྷ་རྣམས་སྟོང་དག་གིས། །ཡོངས་སུ་བསྐོར་ཏེ་གཤེགས་མཛད་ཀྱི། །སྡང་སེམས་ལྡན་པ་རྣམས་བྱེར་ཅིག་སྙིང་རྗེའི་བདག་ཉིད་ཅན་རྣམས་འཁོད། །གླིང་འདིར་ཆར་ཕོབ་དོན་ རྣམས་ཀྱིས། །ས་དང་བར་སྣང་གནས་པ་རྣམས། །སྐྱེ་རྒུ་རྣམས་ལ་བྱམས་བྱེད་ཤོག་ཆར་མེད་ཐན་པ་བྱུང་བའི་ཚེ། །སྔགས་ཆེན་དང་པོ་བརྒྱ་བཟླའོ། །བར་མ་ལྔ་བཅུ་བཟླ། ཐ་མ་བདུན་ བཟླ་བར་བྱའོ། །སྤྲིན་ལ་བལྟ་ཞིང་བར་བར་སུས་ཀྱང་མ་ཚོར་བར་ཤུབ་བུར་བཟླའོ། །གྲངས་ལས་ཐལ་ན། སེར་བར་འགྱུར་བས་སྡིག་ཆེའོ། །ཀླུ་གནད་ལ་གཏད་པ་ཡིན་པས་སྡིག་ཆེའོ།། ལན་གྲངས་ཡང་ཡང་མི་གདབ་བོ། །ཞག་གཅིག་གམ། ཞག་གཉིས་སམ་ཞག་ལྔར་ཆར་གྱི་རྒྱུན་མི་འབབ་མི་སྲིད་དོ། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཀུན་གྱི་སྨོན་ལམ་མྱུར་དུ་ འགྲུབ་འགྱུར་ཤོག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང། དགེ་སློང་དེ་དག་རྣམས་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ [380B] །འཕགས་པ་ལྕགས་མཆུ་ནག་པོའི་གཟུངས་རྫོགས་སོ།། །།